ཉེ་ལམ་བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པས་གཞི་རིམ་ཏང་འཛུགས་ལས་དོན་གྱི་གཟེངས་བསྟོད་ཚོགས་ཆེན་ཟེར་བ་སྐོང་འཚོགས་བྱས་ཡོད་པ་དང་། བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲུང་ཆེ་ཝུའུ་དབྱིང་ཇིས་བོད་ཀྱི་གཞི་རིམ་གྲོང་ཚོ་ཁག་གི་འགན་འཁུར་བ་བརྒྱ་ཆ་ ༡༠༠ གུང་ཁྲན་ཏང་ཡོན་ནམ་དམར་ཤོག་ཚོགས་མི་ཡིན་པ་བྱེད་དགོས་པའི་ནན་བརྗོད་བྱས་ཡོད། འདི་ནི་འདི་ལོའི་ལོ་དཀྱིལ་ཙམ་དུ་སྐོང་འཚོགས་བྱས་པའི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པས་གཏན་འཁེལ་ཐག་གཅོད་བྱས་པའི་གལ་ཆེའི་བྱ་ཐབས་ཤིག་རེད། བོད་ལ་ཆ་མཚོན་ནས་བཤད་ན་འདི་ནི་བོད་མིའི་ཆོས་དད་དང་འདུ་ཤེས་འཛིན་སྟངས་ཀྱི་བསམ་བློའི་ཐོག་ལ་ཚུར་རྒོལ་ཆེན་པོ་ཞིག་ཆགས་ཡོད་ལ།བོད་མིའི་རང་སྐྱོང་གི་དབང་ཞེས་པ་དེ་ནི་སྒོ་བྱང་ཙམ་དུ་གྱུར་ཡོད་པ་དེ་གསལ་པོར་མཚོན་ཡོད།
ཤིན་ཧ་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བར། ལྷ་སར་རང་སྐྱོང་ལྗོངས་ཀྱིས་ལྗོངས་ཡོངས་ཀྱི་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་གྱི་གཟེངས་བསྟོད་ཚོགས་འདུའི་ཐོག ་བོད་རང་སྐྱོང་ལྗོངས་ཀྱི་ཧྲུའུ་ཅི་ལྦུ་དབྱིན་ཡིས་་གཞི་རིམ་ཏང་རྩ་འཛུགས་འདི་ཉིད་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཟམ་སྣེའི་བཙན་རྫོང་ཞིག་ལ་འཛུགས་སྐྱོང་ཏན་ཏིག་བྱེད་དགོས། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ཀྱི་ལྟ་བ་སྔར་བས་བརྟན་དུ་བཏང་ནས་མི་རིགས་ཁག་གི་མང་ཚོགས་ཀྱིས་རང་རྟོགས་ངང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་དང་དབྱེ་མཚམས་གསལ་པོ་འབྱེད་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་དགོས། དད་མོས་ལ་བརྩི་འཇོག་དང་། ཁྲིམས་བཞིན་དོ་དམ། ཡུན་རིང་མཐའ་འཁྱོངས། གོམས་གཤིས་འཇགས་པ་བཅས་བྱས་ནས་དད་ལྡན་མང་ཚོགས་ཀྱིས་ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་པ་དང་། དེང་གི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་བ། དར་ཆ་གསལ་སྟོན་ངང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ཆོས་ལུགས་སྤྱད་དེ་ཐོན་པའི་ཤུགས་རྐྱེན་ངན་པ་མེད་པར་བཟོ་བ་བཅས་ལ་སློབ་གསོ་ཁྲིད་སྟོན་བྱེད་དགོས། ལྟོ་གོས་ཀྱི་གནད་དོན་ཐག་གཅོད་བྱེད་དགོས་ལ། བསམ་བློའི་གནད་དོན་ཡང་ཐག་གཅོད་བྱེད་པ་དང་། “སྣང་ཆེན་བཞི་དང་དགའ་ཞེན་བཞི”དང“ཚད་གཞི་བཞིར་བརྩི་སྲུང་གིས་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད་པ”“མི་གང་ འདྲ་ཞིག་གསོ་སྐྱོང་བྱེད་པ་དང་། མི་གསོ་སྐྱོང་གང་འདྲ་བྱེད་པ། སུའི་ཆེད་དུ་མི་གསོ་སྐྱོང་བྱེད་པ”བཅས་ཀྱི་སློབ་གསོའི་བྱེད་སྒོ་རྒྱུན་མཐུད་གཏིང་ཟབ་སྤེལ་བ་བཅས་ཀྱི་ཐོག་ནས་མང་ ཚོགས་ཚོས་སེམས་གཏིང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་བརྩི་བཀུར་དང་། ཏང་ཀྲུང་དབྱང་ལ་བརྩི་བཀུར། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་བརྩི་བཀུར་བྱེད་པའི་སློབ་གསོ་ཁྲིད་སྟོན་བྱས་ཏེ་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ””
་་་་་རྩ་འཛུགས་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུ་གཙོ་གནད་དུ་བཟུང་སྟེ་འགྱུར་མེད་སྟོབས་ལྡན་གྱི་གཞི་རིམ་ཏང་རྩ་འཛུགས་ཤིག་གཏོད་དགོས། གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མི་བརྒྱ་ཆ་ ༡༠༠ ཏང་ཡོན་ཡིན་པ་མཐའ་འཁྱོངས་བྱེད་པ་དང་། ཞིང་འབྲོག་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཞིང་འབྲོག་ཁུལ་གྱི་ཏང་རྩ་འཛུགས་འདི་ཉིད་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་རྗེས་སུ་འབྲང་བ། མཐུན་སྒྲིལ་བྱེད་མཁས་པ། འཕེལ་རྒྱས་གཏོང་ཤེས་པ། ཕྱུག་པོ་ཆགས་ཐུབ་པ། བརྟན་ལྷིང་འགན་སྲུང་ཐུབ་པ། གནད་དོན་འཕྲད་སྐབས་མགོ་མི་རྨོངས་པ། འགག་རྩའི་དུས་སུ་ནུས་པ་འདོན་ཐུབ་པ་བཅས་ཀྱི་དམག་འཐབ་མཁར་རྫོང་བརྟན་པོ་ཞིག་ཏུ་འཛུགས་སྐྱོང་བྱེད་དགོས།་་”ཟེར།