Author Archives: guchusum

༈ རྒྱལ་གཅེས་ཆབ་སྲིད་བཙོན་ཟུར་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་མི་སྐུ་ཞབས་ཕུན་ཚོགས་དར་རྒྱས་མཆོག་སྐུ་ཚེ་མ་ཟིན་པར་ཡིད་ཤིན་ཏུ་སྐྱོ་བའི་ངང་མྱ་ངན་གུས་བཏུད།

༈ རྒྱལ་གཅེས་ཆབ་སྲིད་བཙོན་ཟུར་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་མི་སྐུ་ཞབས་ཕུན་ཚོགས་དར་རྒྱས་མཆོག་སྐུ་ཚེ་མ་ཟིན་པར་ཡིད་ཤིན་ཏུ་སྐྱོ་བའི་ངང་མྱ་ངན་གུས་བཏུད་དང་བཅས།
བསྟན་དང་དེ་འཛིན་ཆབ་སྲིད་རང་རིགས་སླད།།
གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་སྟེ།།
དཀའ་བ་བརྒྱ་ཕྲག་བསྒྲུབས་པའི་སྐྱེ་བོ་རྣམས།།
གྲུ་འཛིན་མགོན་དེས་ཐུགས་རྗེས་སྐྱོང་བར་མཛོད།།

རྒྱ་ནག་གི་ཆེས་མཐོའི་འགོ་ཁྲིད་གསུམ་དུས་གཅིག་ལ་བོད་དུ་སླེབས་པ།

ཟླ་འདི་ཕྱི་ཚེས་ ༡༦ ཉིན། རྒྱ་ནག་གཞུང་འབྲེལ་མི་དམངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་གཙོ་རླིས་ཀྲན་ཧྲུའུ་ཡིས། ཕྱི་ཚེས་ ༡༢ ནས་ ༡༥ བར་བོད་རང་སྐྱོང་ལྗོངས་ཀྱི་ཉི་ཁྲི་གྲོང་ཁྱེར་དང་། ལྷ་ས། གཞིས་རྩེ་བཅས་སུ་ལས་དོན་རྟོག་ཞིབ་བྱས་པ་དང་། དབུས་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་དང་

སི་རི་ལན་ཁ་སྤྲང་ལ་གྱར་བ་དང་། རྒྱ་ནག་གི་འབའ་ཁུག་སྟོང་པ་ཆགས་པ།

ཉེ་ལམ་སི་རི་ལན་ཁའི་ནང་མི་མང་གིས་གཞུང་ལ་གྱེན་ལོག་བྱས་ཏེ་སྲིད་འཛིན་དང་སྲིད་བློན་སོགས་ཕོ་བྲང་ནས་བྲོས་བྱོལ་དུ་སོང་ཡོད། སྐབས་ཤིག་གི་རིང་སྲིད་འཛིན་གྱི་ཕོ་བྲང་ནི། སྤྱི་ཁང་ཞིག་དང་འདྲ་བར་མི་སུ་འདྲ་ཞིག་འཛུལ་ཀྱང་ཐད་ཀར་འཛུལ་ཆོག་ལ། སུ་ཞིག་དེར་ཞག་སྡོད་བྱས་ཀྱང་ཆོག་བྱས་ཆོག་ཅིང་། ད་ལྟའི་ཆར་སྲིད་འཛིན་དང་སྲིད་བློན་གཉིས་ཀ་རྩ་དགོངས་ཞུ་དགོས་བྱུང་ཡོད་པ་དང་སི་རི་ལན་ཁ་ནི་རྒྱ་གར་གྱི་ལྷོ་ཕྱོགས་རྒྱ་མཚོའི་ཁ་རུ་ཆགས་པའི་གླིང་ཕྲན་ཞིག་སྟེ།

༄༅། །རིགས་ལ་ཕུལ་བའི་སྙིང་ཁྲག་དྲོན་མོ།

བསྟན་དང་དེ་འཛིན་ཆབ་སྲིད་རང་རིགས་སླད།།   གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་སྟེ།།
དཀའ་བ་བརྒྱ་ཕྲག་བསྒྲུབ་པའི་སྐྱེ་བུ་རྣམས།།   གྲུ་འཛིན་མགོན་དེས་ཐུགས་རྗེས་སྐྱོང་བར་མཛོད།།

ཆབ་སྲིད་ཅུས་ཀྱི་ཨུ་ཡོན་བརྒྱ་ཆ་བཞི་བཅུ་ཚོགས་བཅར་མ་བྱས་པ།

ཕྱི་ལོ་ ༢༠༢༢ ཟླ་ ༦ ཚེས་ ༡༧ ཉིན་རྒྱ་ནག་དབུས་ཆབ་སྲིད་ཅུས་ཀྱིས་གཅིག་བསྡུས་སློབ་སྦྱོང་གི་ཚོགས་འདུ་ཐེངས་བཞི་བཅུ་པ་དེ་སྐོང་འཚོགས་བྱས་ཡོད་ཅིང་། སྤྱིར་ན་དབུས་ཆབ་སྲིད་ཅུས་ཀྱི་ཚོགས་འདུ་དེ་ཟླ་བ་རེ་རེའི་ནང་ཐེངས་རེ་སྐོང་འཚོགས་བྱེད་ཀྱི་ཡོད་པ་དང་། དེ་ཡང་ཟླ་མཇུག་ཏུ་སྐོང་འཚོགས་བྱེད་ཀྱི་ཡོད་ཀྱང་། ད་རེས་གློ་བུར་དུ་སྔ་ཙམ་གྱིས་ཚེས་ ༡༧ ཉིན་ཚོགས་འདུ་སྐོང་འཚོགས་བྱས་པ་མ་ཟད། དབུས་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་(ཚོགས་མི་) ༡༨ ཡོད་པའི་ནང་

ཞི་ཅིང་ཕིང་ཕམ་བཞིན་པ་དང་། ལི་ཁེ་བྱང་རྒྱལ་བཞིན་པ།

ཞི་ཅིང་ཕིང་གིས་ལོ་ནའི་ཚད་བཀག་དང་ལས་རྒྱུན་གྱི་སྒྲིག་སྲོལ་ལྟོས་མེད་ཀྱིས་མུ་མཐུད་ནས་དབང་ཆའི་རྒྱུན་སྐྱོང་རྒྱུ་དེ་རྩོད་མེད་ལྟ་བུ་ཆགས་ཟིན་པ་མ་ཟད། རྒྱ་ནག་གཞུང་འབྲེལ་རིམ་པ་མཐོ་ཤོས་ཀྱི་མགྲིན་ཚབ་ལྟ་བུའི་ཚགས་པར་གཉིས་དང་། དུས་དེབ་གཅིག་གི་སྟེང་དུའང་ཞི་ཅིང་ཕིང་གི་མུ་འབྲེལ་རྩོམ་ཡིག་དང་གཏམ་བཤད་ཁག་ལ་བལྟས་ན།

ཞི་ཅིང་ཕིང་ལ་རྡུང་རྡེག་དང་། རྒྱུན་འཛིན་པ་གནས་དབྱུང་།

རྒྱ་ནག་ནང་གི་དབང་འཛིན་པའི་འཐབ་རྩོད་གནས་སྟངས་ནི་ཉིན་རེ་ལས་མ་འདས་པར་རྣོ་ངར་ཇེ་ཆེ་དང་། ཛ་ཇེ་དྲག་ཏུ་འགྲོ་བཞིན་པ་རེད་ལ། ཐ་ན་ཞི་ཅིང་ཕིང་རང་ཉིད་ཀྱིས་གདམས་པའི་སོ་སོའི་རྒྱུན་འཛིན་པ་ཡང་སྲིད་སྟེགས་ནས་གནས་དབྱུང་གཏོང་རྒྱུའི་ཉེན་ཁར་སླེབས་ཡོད། ཉིན་ཤས་གོང་འདི་ག་ཚོགས་པའི་དྲྭ་གནས་ཐོག་རྒྱ་ནག་དབུས་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཧྲང་ཧའེ་དམར་ཤོག་ཚོགས་པའི་དྲུང་ཆེ།

ཕོ་ཀྲིན་ལ་ཕོ་ཀྲན་ཕོག་པ་དང་། མའོ་ཙེ་ཏུང་འདས་ལོག་བྱས་པ། 

ཉིན་ཤས་རིང་། རྒྱལ་སྤྱིའི་གསར་ལམ་ཁག་དུ་ཨུ་རུ་སུའི་སྲིད་འཛིན་ཕུ་ཀྲིན་ལ་ཀྲན་ནད་ཕོག་ཏེ་བཤགས་བཅོས་བྱས་པའི་སྐོར་ཚ་ཚ་འུར་འུར་གྱིས་གླེང་བཞིན་པའི་སྐབས་དེར། རྒྱ་ནག་གི་གྲོང་ཁྱེར་ཆེ་ཤོས་ཧྲང་ཧའེ་ནང་ཏོག་དབྱིབས་རིམས་ནད་གཅིག་ཀྱང་མེད་པ་བཟོ་རྒྱུའི་སྲིད་ཇུས་ཕམ་ཉེས་ཤོར་བའི་ཁར་

རྒྱ་ནད་ཀྱིས་བཅིངས་པའི་རྒྱ་ནག་

རྒྱ་ནག་གཞུང་གིས་རྒྱ་ནག་དེ་རྒྱ་ནད་ཀྱི་འཆིང་ཐག་འོག་ནས་བཅིངས་གྲོལ་གཏོང་རྒྱུ་ཡིན་པའི་འུད་སྒྲོག་བྱེད་ཀྱི་ཡོད་ཀྱང་། ཉེ་ལམ་ཟླ་བ་གསུམ་པ་ནས་བཟུང་རྒྱ་ནག་གི་གྲོང་ཁྱེར་མི་འབོར་ཆེ་ཤོས་ཧྲང་ཧའེ་དེ་སླར་ཡང་རྒྱ་ནད་ཀྱིས་བཙན་འཛུལ་བྱས་ཏེ་གྲོང་ཁྱེར་ཧྲིལ་པོ་སྒོ་བརྒྱབ་ནས་བསྡད་དགོས་བྱུང་ཡོད་ཅིང་།

ཕུ་ཀྲིན་ཕུ་ཤོར་བ་དང་།ཞི་ཅིང་ཕིང་ཞེ་མེར་ལངས་པ།

འདི་ལོའི་ལོ་མཇུག་ཏུ་རྒྱ་ནག་དམར་ཤོག་ཚོགས་པའི་རྒྱལ་ཡོངས་ཚོགས་ཆེན་ཐེངས་ཉི་ཤུ་པ་སྐོང་འཚོགས་བྱ་རྒྱུུ་དང། ཚོགས་ཐོག་ཏུ་ཞི་ཅིང་ཕིང་མུ་མཐུད་ནས་རྒྱ་ནག་གི་སྲིད་འཛིན་བྱ་རྒྱུའི་སྟ་གོན་བྱེད་བཞིན་ཡོད། རྨིས་ལམ་དེའི་དོན་དུ་ཞི་ཅིང་ཕིང་གིས་འདས་པའི་མི་ལོ་བཅུ་ཕྲག་གཅིག་ལ་ཉེ་བའི་རིང་འབད་བརྩོན་ཡོད་རྒུ་བྱས་ཡོད་པ་དང་།

ཞི་ཅིང་ཕིང་གི་ནུས་པར་ཉམས་ཚོད་བླངས་པ།

དེང་སང་རྒྱལ་སྤྱིའི་ཐོག་དགོད་བྲོ་བའི་གླེང་སློང་འདི་འདྲ་ཞིག་བྱེད་ཀྱི་ཡོད་པ་སྟེ། ཨ་རིའི་ནང་ཨ་རི་བ་ཞིག་དང་རྒྱ་མི་ཞིག་ཕན་ཚུན་སྐད་ཆ་བཤད་རེས་བྱས་ཏེ། རྒྱ་མི་དེས་ཁྱེད་ཚོ་ཨ་རི་བ་དཔེ་གྱོང་པོ་འདུག ཏོག་དབྱིབས་ནད་ཡམས་ལ་སྣང་བ་གཏན་ནས་གཏོང་གི་མི་འདུག་ཅེས་བཤད་པར། ཨ་རི་བ་དེས་ཁྱེད་ཚོ་རྒྱ་ནག་པ་ཚོ་ནི་དེ་ལས་གྱོང་བ་འདུག

རྒྱ་ནག་གི་ཕམ་ཉེས་དང་། ཐེ་ཝན་གྱི་དར་འཕེལ།

ཕུ་ཀྲིན་གྱིས་ཡུག་རིན་དེ་མགྱོགས་ན་ཚོུད་ཉེར་བཞི་དང་། འགོར་ན་ཚོུད་བཞི་བཅུ་ལྷག་ཙམ་གྱི་ནང་དབང་དུ་བསྡུ་རྒྱུའི་སྔོན་དཔག་བྱས་ཡོད་ཀྱང་། ཕུ་ཀྲིན་གྱི་མ་འོངས་སྔོན་དཔགས་ཀྱི་འཆར་གཞི་དང་། གཡུལ་སའི་དངོས་ཡོད་གནས་ཚུལ་གཉིས་ཡོངས་སུ་ལྡོག་ཕྱོགས་ཆགས་པ་མ་ཟད། དམག་འཁྲུག་གི་ཉིན་རེའི་འགྲོ་སོང་དང་། རྒྱལ་སྤྱིའི་སྤྱི་ཚོགས་ནས་ཨུ་རུ་སུར་དཔལ་འབྱོར་གྱི་ཉེས་ཆད་བཅད་པ་བཅས་ཀྱིས་ཨུ་རུ་སུ་དེ་ཉམས་ཉེས་ཆེན་པོ་ཞིག་གི་ནང་ལྷུང་དུ་བཅུག་ཡོད།

ཕུ་ཀྲིན་ཧོན་འཐོར་བ་དང། ཞི་ཅིང་ཕིང་ཡིད་ཐང་ཆད་པ།

ཨུ་རུ་སུས་ཡུག་རིིན་ལ་བཙན་འཛུལ་དམག་འཁྲུག་བསླངས་ནས་བདུན་ཕྲག་གསུམ་ཙམ་འདས་ཟིན། ཕུ་ཀྲིན་གྱིས་ཐོག་མའི་སྔོན་དཔག་ལྟར་ན་ཉིན་གཉིས་ཙམ་གྱི་རིང་ཡུག་རིན་དེ་ཕྱོགས་ཡོངས་ནས་ཨུ་རུ་སུས་ཚོད་འཛིན་ཐུབ་རྒྱུ་ཡིན་པའི་ངོས་འཛིན་བྱས་ཡོད་ཀྱང་ཟླ་ ༢ ཚེས་ ༢༤ ཉིན་ཕུ་ཀྲིན་གྱིས་དངོས་སུ་དམག་དོན་གྱི་བྱ་སྤྱོད་སྤེལ་རྗེས་གཡུལ་སའི་ཐོག་གི་དངོས་ཡོད་གནས་ཚུལ་དང་ཕུ་ཀྲིན་གྱིས་སྔོན་དཔག་བྱས་པའི་གནས་ཚུལ་ཡོངས་སུ་ལྡོག་པའི་ཕྱོགས་ལ་

ཕུ་ཀྲིན་གྱིས་རྒྱལ་ཁབ་གཉིས་གསར་གཏོད་བྱས་པ་རེད་དམ།

རྒྱ་ནག་པེ་ཅིང་དུ་སྐོང་འཚོགས་བྱེད་བཞིན་པའི་དགུན་དུས་ཨོ་གླིང་ཧྤིག་རྩེད་འགྲན་མཇུག་བསྒྲིལ་བ་དང་དེ་མ་ཉིད་དུ་ཕུ་ཀྲིན་གྱིས་ཡུག་རན་གྱི་མངའ་ཁོངས་སུ་ཡོད་པའི་མངའ་སྡེ་གཉིས་རང་བཙན་ཡིན་པའི་ཁྱབ་བསྒྲགས་བྱས་པ་དང་། ཕྱོགས་མཚུངས་མངའ་ཁུལ་དེ་གཉིས་ཀྱི་ནང་ཞི་བདེ་སྲུང་སྐྱོབ་ཀྱི་དམག་དཔུང་ཡང་མངགས་གཏོང་བྱས་ཡོད། མ་ཟད་ཕུ་ཀྲིན་གྱིས་རྒྱལ་ཡོངས་སུ་གཏམ་བཤད་བྱས་པའི་ནང་།

བོད་ཀྱི་གྲགས་ཅན་གྱི་ཆབ་སྲིད་བཙོན་ཟུར་ངག་དབང་རྒྱལ་མཚན་འདས་གྲོངས།

བོད་ཀྱི་གྲགས་ཅན་གྱི་ཆབ་སྲིད་བཙོན་ཟུར་ངག་དབང་རྒྱལ་མཚན་ནམ་ཚ་བ་ཁམས་པ་མཆོག ཕྱི་ལོ་ ༢༠༢༢ ཟླ་ ༢ ཚེས་ ༢༢ ཉིན། བོད་ཀྱི་རྒྱལ་ས་ལྷ་སར་འདས་གྲོངས་སུ་ཕྱིན་ཡོད་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག རྒྱལ་གཅེས་བཙོན་ཟུར་དམ་པ་ཁོང་ནི། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་རྫོང་ནས་ཡིན་པ་དང་

ཞི་ཅིང་ཕིང་གི་ནང་མི་ཚང་མར་ཉེས་ཆད།

ཉེ་ལམ་ཨ་རིའི་སྤྱི་མཐུན་ཏང་གི་གྲོས་ཚོགས་འཐུས་མི་ཚོས་རྒྱ་ནག་གཞུང་གི་གནས་ཡོད་མི་སྣ་དང་དེའི་གཉེན་ཉེ་སོགས་ཀྱི་ནང་མི་ཚང་མར་ཉེས་ཆད་གཅད་རྒྱུའི་གྲོས་གཞི་བཏོན་ཡོད། གྲོས་གཞི་དེའི་ནང་ཐ་ན་རྒྱ་ནག་གི་ད་ལྟའི་སྲིད་འཛིན་ཞི་ཅིང་ཕིང་དང་དེའི་ནང་མི་ཚུད་ཡོད་པ་མ་ཟད། རྒྱ་ནག་དམར་ཤོག་ཚོགས་པའི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་རྣམས་ཀྱང་ཚུད་ཡོད་ཚུལ་བསྟན་འདུག དེ་ལ་བལྟས་ན་རྒྱ་ནག་གི་མཐོ་རིམ་མི་སྣ་གཅིག་ཀྱང་མ་ལུས་པ་

ཨོ་རྩལ་གྱི་མཛད་སྒོ་ནས་རྒྱ་ནག་གི་ཉམས་ཉེས་མཐོང་ཐུབ།

འདི་ཟླའི་ཚེས་ ༤ ཉིན་ཐེངས་འདིའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་མཛད་སྒོ་དེ་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་སྐོང་འཚོགས་བྱས་ཡོད། དེ་ཉིན་འཛམ་གླིང་ས་གནས་གང་སར་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་དང། དེ་བཞིན་ཤར་ཏུ་ཀི་སི་ཐན་དང་། ནང་ནང་སོག རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་སོགས་ཀྱིས་རྣམ་པ་འདྲ་མིན་གྱི་ཐོག་ནས་ངོ་རྒོལ་གྱི་ལས་འགུལ་སྣ་མང་ཞིག་སྤེལ་བཞིན་ཡོད།

གསར་འགོད་བསྒྲགས་གཏམ།

༄༅། །རྒྱ་ནག་གཞུང་གིས་ཐོག་མར་བོད་དུ་བཙན་འཛུལ་བྱས་པ་དང་། བར་དུ་བཙན་གནོན་བྱས་པ། མཐའ་མར་བོད་མི་རིགས་རྩ་མེད་བཟོ་བའི་སྲིད་ཇུས་རབ་དང་རིམ་པ་ཞིག་ལག་ལེན་བྱས་དང་བྱེད་མུས་ཡིན་པ་དང་། བོད་མི་རིགས་ལ་འགྲོ་བ་མིའི་ཐོབ་ཐང་དང་། ཆོས་དད་རང་དབང་། སྐད་ཡིག་གིས་མཚོན་པའི་རིག་གཞུང་། འཁོར་ཡུག་དང་བཅས་པར་ཉམས་ཆག་སོགས་གནས་སྟངས་ཉིན་རེ་ལས་མ་བསྡད་པར་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པའི་སྐབས་ཀྱི་དེ་རིང་

བོད་རིགས་འཐུས་མིའི་རྐུབ་སྟེགས་ ༦ མེད་པ་བཟོས་ནས་རྒྱ་རིགས་ཀྱི་རྐུབ་སྟེགས་ ༦ མང་དུ་བཏང་འདུག

ཉེ་ལམ་སྐོང་འཚོགས་བྱས་པའི་བོད་རང་སྐྱོང་ལྗོངས་སྐབས་བཅུ་པའི་ཏངང་གི་འཐུས་མི་ཚོགས་ཆེན་ཐོག་མ་འོངས་པའི་བོད་རང་སྐྱོང་ལྗོངས་ཀྱི་འཛིིན་སྐྱོང་དང་འབྲེལ་བའི་གལ་ཆེའི་གནད་དོན་མང་པོ་ཐག་གཅོད་བྱས་པ་ལས། ཆེས་གལ་གནད་ཆེ་ཤོས་གཅིག་ནི་བོད་རིགས་དང་རྒྱ་རིགས་ཀྱི་འཐུས་མིའི་གྲངས་འབོར་གྱི་བསྡུར་གྲངས་འགྱུར་ལྡོག་བཏང་ཡོད།

བོད་རང་སྐྱོང་ལྗོངས་སུ་གནམ་ཐང་ ༥༠ གསར་རྒྱག་གི་ལས་འཆར།

 བོད་རང་སྐྱོང་ལྗོངས་ཟེར་བའི་ནང་འབྱུང་འགྱུར་གནམ་ཐང་འབོར་ཆེན་ཞིག་གསར་རྒྱག་གི་བྱ་རྒྱུའི་འཆར་གཞི་བཀོད་ཡོད་པ་དང་། དེ་ཡང་སྤྱི་ལོ་ ༢༠༡༧ ལོ་ནས་འགོ་འཛུགས་ཀྱིས་སྤྱི་ལོ་ ༢༠༣༠ ལོ་བར་གནམ་ཐང་ ༥༠ གསར་རྒྱག་བྱ་རྒྱུའི་འཆར་གཞི་བཀོད་འདུག དེ་ཡང་ད་ལྟའི་བོད་རང་སྐྱོང་ལྗོངས་ཟེར་བའི་ཁྱབ་ཁོངས་ཀྱི་འདམ་གཞུང་དང། གྲོ་མོ། སྐྱིད་གྲོང། ལྷུན་རྩེ། མེ་ཏོག རྒྱ་མདའ། སྨར་ཁམས། འབྲི་རུ། སྤུ་ཧྲེང་བཅས་རྫོང་ཁག་དགུ་ཡི་ནང་གནམ་ཐང་ ༩

རླིས་ཀྲན་ཧྲུའུ་གར་སོང་ཆ་མེད་དུ་གྱུར་བ།

རླིས་ཀྲན་ཧྲུའུ་རྒྱ་ནག་གི་ཆབ་སྲིད་སྡིངས་ཆའི་ཐོག་ནས་གར་སོང་ཆ་མེད་དུ་གྱུར་ཏེ་བདུན་ཕྲག་གཉིས་ལྷག་ཙམ་འདས་ཟིན་པས། རྒྱ་ནག་ལ་ཉམས་ཞིབ་བྱེད་མཁན་ཚོས་དོན་དེར་དོ་སྣང་ཧ་ཅང་ཆེན་པོ་བྱེད་བཞིན་ཡོད་ལ། རྣམ་པ་འདྲ་མིན་གྱི་བལྟ་སྟངས་དང་དཔྱད་བརྗོད་བྱེད་མཁན་ཡང་གྲངས་ལས་འདས་པ་ཞིག་རེད། ཡང་སྙིང་དོན་དེར་མི་རྣམས་ཀྱིས་དེ་ལྟ་བུའི་དོ་སྣང་བྱེད་དགོས་དོན་ཅི་ཞིག་ཡིན་ནམ། རླིས་ཀྲན་ཧྲའུ་ཞེས་པ་དེ་སུ་ཞིག་རེད་དམ་ཞེ་ན། དེ་ཡང་རྒྱ་ནག་

གསར་འགོད་བསྒྲགས་གཏམ།

༈ བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔ་ཐུན་མོང་གི་ཐོག་ནས་བོད་དང་། ཤར་ཏུར་ཀི་སི་ཐན། ཧོང་ཀོང་། ལྷོ་སོག རྒྱ་ནག ཐེ་ཝན་བཅས་ཀྱི་ལས་འགུལ་བ་དང་མཉམ་དུ་ཕྱི་ལོ་ ༢༠༢༢ ལོའི་ཟླ་ ༡ ཚེས་ ༤ ཉིན་རྒྱལ་སྤྱིའི་ལས་འགུལ་ཉིན་མོར་མཉམ་ཞུགས་བྱ་རྒྱུ་ཡིན། དེ་ནི་པེ་ཅིང་དུ་དགུན་དུས་ཨའོ་རྩལ་རྩེད་འགྲན་ཚོགས་པའི་ཟླ་བ་གཅིག་གོང་གི་ཉིན་མོ་འདིར་ཆགས་ཡོད། དེ་རིང་གི་ཉིན་མོ་འདི་ནི་རྒྱ་ནག་དམར་ཤོག་ཚོགས་པའི་བཙན་གནོན་དང་དབང་བསྒྱུར་འོག་

བོད་རང་སྐྱོང་ལྗོངས་སུ་འགོ་ཁྲིད་བསྐོ་བཞག་བྱེད་ཕྱོགས་ཀྱི་རྩོད་རྙོགས་འགོ་ཚུགས་པ།

ཉེ་ལམ་བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པ་དང་མི་དམངས་སྲིད་གཞུང་གི་འགོ་ཁྲིད་མང་པོ་ཞིག་ལ་འཕོ་འགྱུར་བཏང་ཡོད་པ་དང་། ད་ཐེངས་ཀྱི་འགོ་ཁྲིད་འཕོ་འགྱུར་གྱི་གནས་ཚུལ་ཧྲིལ་པོར་ཞིབ་འཇུག་བྱས་ཚེ་བོད་རང་སྐྱོང་ལྗོངས་སུ་འགོ་ཁྲིད་བསྐོ་བཞག་བྱེད་ཕྱོགས་ཀྱི་ཐད་རྩོད་རྙོགས་བྱུང་བ་དང་།

མཐོང་དཀོན་པའི་འཐབ་རྩོད་ཕྱི་གསལ་ནང་གསལ་ཆགས་པ།

ཉེ་ལམ་རྒྱ་ནག་དམར་ཤོག་ཚོགས་པའི་སྐབས་བཅུ་དགུ་པའི་ཚང་འཛོམས་ཚོགས་འདུ་ཐེངས་དྲུག་པ་མཇུག་བསྒྲིལ་བ་དང་ཆབས་ཅིག་རྒྱལ་ཡོངས་གང་སར་ཚ་ཚ་འུར་འུར་གྱི་ཐོག་ནས་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་པའི་སྐབས་འདིར་རྒྱ་ནག་མི་དམངས་ཉིན་རེའི་ཚགས་པར་དང་། ཤིང་ཧྭ་གསར་ཁང་། བདེན་འཚོལ་དུས་དེབ་སོགས་ཀྱི་སྟེང་དུ་ལོ་ངོ་བཅུ་ཕྲག་བཞི་ལྷག་ཙམ་གྱི་རིང་མཐོང་དཀོན་པའི་འཐབ་རྩོད་རང་

བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་འཕོ་འགྱུར་།

བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་འཕོ་འགྱུར་། བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་བཅུ་པ་དེ་ཟླ་ ༡༡ ཚེས་ ༢༧ ནས་ཚེས་ ༣༠ བར་སྐོང་འཚོགས་བྱས་ཡོད་པ་དང་། བོད་རང་སྐྱོང་ལྗོངས་ཟེར་བར་ཆ་མཚོན་ན་ཚོགས་འདུ་དེ་ནི་དབང་ཚད་མཐོ་ཤོས་ཀྱི་ཚོགས་ཆེན་ཞིག་ཡིན་པ་དང་། དུས་ཚོད་ཀྱི་ཐོག་ནས་བཤད་ན་ལོ་ལྔ་ཚན་རེ་རེའི་ནང་ཐེངས་རེ་སྐོང་འཚོགས་བྱེད་ཀྱི་ཡོད།

བོད་རང་སྐྱོང་ལྗོངས་སུ་བོད་ཡིག་དང་རྒྱ་ཡིག་གི་གདན་ཐོབ་རྗེས་པོ་བརྒྱབ་འདུག

ཉེ་ལམ་རྒྱ་ནག་གཞུང་འབྲེལ་གྱི་གསར་འགྱུར་ཁག་ལ་དཔྱད་ཞིབ་བྱེད་སྐབས། བོད་རང་སྐྱོང་ལྗོངས་ཀྱི་ཁྱབ་ཁོངས་སུ་བོད་ཡིག་དང་རྒྱ་ཡིག་གི་གདན་ཐོབ་རྗེ་པོ་བརྒྱབ་ཏེ་བོད་ཡིག་གི་བེད་སྤྱོད་རང་བཞིན་དང་ཆེ་མཐོང་རང་བཞིན་ཆུང་དུ་བཏང་བ་གསལ་པོ་འདུག དེ་ཡང་དེ་སྔ་ལོ་རབས་བརྒྱ་ཅུའི་ནང་བོད་རང་སྐྱོང་ལྗོངས་སུ་བོད་ཀྱི་སྐད་ཡིག་སློབ་སྦྱོང་དང་། བེད་སྤྱོད། འཕེལ་རྒྱས་གཏོང་ཕྱོགས་སྐོར་གྱི་སྲོལ་ཡིག་ཅིག་བཟོས་ཡོད་པ་མ་ཟད།

ཚོགས་མི་རྒན་གྲས་ངག་དབང་དགེ་ལེགས་ལགས་སྐུ་ཚེ་མ་ཟིན་པར་མྱ་ངན་གུས་བཏུད་ཞུ།

འདི་ག་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་མི་རྒན་གྲས་ངག་དབང་དགེ་ལེགས་ལགས་སྤྱི་ལོ་ ༢༠༢༡ ཟླ་ ༡༡ ཚེས་ ༡༦ ཉིན་རང་ཁྱིམ་དུ་འདས་གྲོངས་སོང་བའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་ང་ཚོས་ངག་བསྡམས་ནས་མྱང་ངན་གྱི་གུས་འདུད་ཞུ་རྒྱུ་མ་ཟད། ཚེ་རབས་ནས་ཚེ་རབས་བར་འཕགས་མཆོག་ཐུགས་རྗེ་ཆེན་པོའི་རྗེས་འཛིན་དུ་སྐྱེ་བའི་སྨོན་ལམ་གྲངས་མེད་ཞུ་བཞིན་ཡོད། ཁོང་ནི་ཁམས་ལྕགས་ར་དཔལ་འབར་ནས་ཡིན་པ་དང་།

བཙན་འོག་ཏུ་ཡོད་པའི་རྩོམ་པ་པོའི་ཉིན་མོ་

སྤྱི་ལོ་ ༢༠༢༡ ལོའི་ཟླ་ ༡༡ ཚེས་ ༡༥ ཉིན། བཙན་འོག་ཏུ་ཡོད་པའི་རྩོམ་པ་པོའི་ཉིན་མོར་སྲུང་བརྩི་ཞུ་བའི་དུས་ཚོད་དང་སྟབས་བསྟུན། འདི་ག་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པས་འཆར་ཅན་སྤེལ་མུས་ཡིན་པའི་བཙན་འོག་གི་རྩོམ་པ་པོར་རྗེས་དྲན་ཞུ་བའི་སྙན་ངག་གི་མཚན་མོ་ཞེས་པའི་ལས་འགུལ་དེ་འདི་ག་ཚོགས་པའི་རླུང་རྟ་ཐོག་ཁང་གི་ཡང་སྟེང་དུ་གཟབ་རྒྱས་ངང་དབུ་འཛུགས་ཞུས་ཡོད།

རྒྱ་ནག་གིས་ཐའེ་ཝན་ལ་དམག་རྒྱག་རྒྱུའི་གྲ་བསྒྲིགས།

ཟླ་ ༡༡ ཚེས་ ༢ ཉིན་རྒྱ་ནག་དབུས་ཚོང་དོན་ལྷན་ཁང་སོགས་གཞུང་འབྲེལ་གྱི་རྒྱུད་ལམ་ཁག་གི་ནང་ཡ་མཚན་ཆེ་བའི་བརྡ་ཁྱབ་གཅིག་བཏང་ཡོད་པ་དང་། གསལ་བསྒྲགས་དང་བརྡ་ཐོའི་ནང་དོན་ལ་བལྟས་ན། རྒྱ་ནག་གིས་ཐའེ་ཝན་ལ་དམག་རྒྱག་རྒྱུའི་གྲ་བསྒྲིགས་བྱེད་བཞིན་པའི་དོགས་པ་བྱེད་མཁན་ཡང་ཡོད། དེ་ཡང་བརྡ་ཐོའི་ནང་ས་གནས་ཁག་གི་ཚོང་དོན་སྡེ་ཁག་ནས་ཆབ་སྲིད་ཀྱི་འདུ་ཤེས་སྔར་བས་བརྟན་དུ་གཏོང་བ་དང་། མ་མཐའི་བསམ་གཞིགས་རྒྱུན་འཁྱོངས་

ཕྱིར་བསྐྱོད་མི་ཐུབ་པའི་ཞི་ཅིང་ཕིང།

འདས་པའི་ལོ་ངོ་གཉིས་ལ་ཉེ་བའི་རིང་ཞི་ཅིང་ཕིང་ཕྱིའི་རྒྱལ་ཁབ་ཁག་ལ་གཏན་ནས་བསྐྱོད་མེད་ལ། ཐ་ན་ཨེ་ཀྲ་ལིའི་རྒྱལ་ས་རོམ་དུ་སྐོང་འཚོགས་བྱས་པའི་ཡར་ཐོན་རྒྱལ་ཁབ་ ༢༠ ཡི་ལྷན་ཚོགས་ཐོག་ཏུའང་ཚོགས་བཅར་ཞུས་མེད་ལ། ཡང་དབྱིན་ཇིའི་སི་གོ་ལན་ཀྲིར་སྐོང་འཚོགས་བྱ་རྒྱུའི་གོ་གོ་ལའི་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ལྷན་ཚོགས་སུའང་བཅར་རྒྱུ་མིན་པའི་གནས་ཚུལ་ཐོན་ཡོད།

གསར་འགོད་བསྒྲགས་གཏམ།

༄༅།།ཕྱི་ཟླ་ ༡༠ ཚེས་ ༢༢ རེས་གཟའ་པ་སངས་ཉིན། བཞུགས་སྒར་རྡ་རམ་ས་ལར། འཛམ་གླིང་ས་ཕྱོགས་གང་སའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་གོ་ལའི་གནམ་གཤིས་ཚབ་ཆེའི་འགྱུར་བ་འགོག་པའི་ལས་འགུལ་དེ་བཞིན། ཕྱི་ལོ་༢༠༢༡ ཟླ ༡༠ ཚེས་ ༣༡ ནས་ ཟླ་མ ༡༡ ཚེས་ ༡༢ བར། ཨིན་ཡུལ་གྱི་གྲོང་ཁྱེར་གྷ་ལ་སི་ཀོ་དུ་འཁོར་ཡུག་ཚོགས་ཆེན་ COP༢༦ འཚོགས་པའི་གོང་དུ། བོད་ཀྱི་ཚབས་ཆེའི་གནམ་གཤིས་འགྱུར་ལྡོག་གི་ཆེད་གོ་རྟོགས་དང་ལས་འགུལ་སྤེལ་རྒྱུ་

བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་འཕོ་འགྱུར་བཏང་འདུག

དེ་རིང་སྤྱི་ལོ་ ༢༠༢༡ ཟླ་ ༡༠ ཚེས་ ༡༩ ཉིན་རྒྱ་ནག་གཞུང་འབྲེལ་གྱི་གསར་འགྱུར་རྒྱུད་ལམ་ཁག་ནང་གནས་ཚུལ་སྤེལ་བར་གཞིགས་ན། ད་ལྟའི་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེ་ཝུའུ་དབྱིང་ཇེ་ལོ་ནའི་རྒྱུ་རྐྱེན་གྱིས་རྐྱེན་པས་དམར་ཤོག་དྲུང་ཆེ་དང་། རྒྱུན་ལས་ཨུ་ཡོན། ཨུ་ཡོན་བཅས་ཀྱི་ལས་འགན་མི་འཁུར་བ་དང་། ཝང་ཅུན་ཀྲེན་བོད་རང་སྐྱོང་ལྗོངས་དམར་ཤོག་དྲུང་ཆེ་དང་། རྒྱུན་ལས་ཨུ་ཡོན། ཨུ་ཡོན་བཅས་ཀྱི་ལས་འགན་འཁུར་དགོས་པའི་ཐག་གཅོད་བྱས་ཡོད།

ཞི་ཅིང་ཕིང་གིས་ཧྤུ་ཀྲིན་ལ་ལད་མོ་བྱེད་བཞིན་པ།

ཉེ་ལམ་ཞི་ཅིང་ཕིང་གིས་ཕྱི་འབྲེལ་སྲིད་ཇུས་སྤེལ་སྟངས་དང། ལྷག་པར་དུ་ཐའེ་ཝན་དང། ལྷོ་རྒྱ་ནག་རྒྱ་མཚོ། དེ་བཞིན་རྒྱ་དཀར་ནག་གཉིས་ཀྱི་ས་འཚམས་ཟེར་བའི་གནད་དོན་ཐད་ཞི་ཅིང་ཕིང་གི་སྲིད་ཇུས་སྤེལ་སྟངས་ལ་དབྱེ་ཞིབ་བྱེད་སྐབས། ར་ཤེ་ཡའི་སྲིད་འཛིན་ཧྤུ་ཀྲིན་གྱི་བྱེད་སྟངས་ལ་ལད་མོ་བྱེད་བཞིན་པའི་གནས་ཚུལ་ཐོན་མུས་རེད།

དམག་འཁྲུག་གི་ཉེན་ཁའི་ནང་ཚུད་པའི་ཐའེ་ཝན།

ཉེ་ལམ་རྒྱལ་སྤྱིའི་རྒྱུད་ལམ་ཁག་གི་ནང་གནས་ཚུལ་ཐོན་པར་གཞིགས་ན། རྒྱ་ནག་གིས་ཐའེ་ཝན་ལ་འཇིགས་སྐུལ་བྱེད་པའི་ཉེན་བརྡ་དེ་ལོ་རེ་ལས་མ་བསྡད་པར་ཇེ་ཆེར་འགྲོ་བཞིན་པ་དང་། ཉེ་ལམ་ཐའེ་རྒྱལ་སྲུང་བློན་ཆེན་གྱིས་འགྲེལ་བརྗོད་བྱེད་སྐབས། ད་ལྟའི་སྐབས་རྒྱ་ནག་གིས་ཐའེ་ཝན་གྱི་མཁའ་དབྱིངས་སུ་དམག་རྒྱག་གནམ་གྲུ་འཕུར་བསྐྱོད་བྱེད་པའི་ཚད་གཞི་དེ་འདས་པའི་ལོ་ངོ་བཞི་བཅུའི་ནང་བྱུང་མྱོང་མེད་པ་ཞིག་ཡིན་པ་དང་། དམག་རྒྱག་གནམ་གྲུ་དེ་དག་གི་ནང་ཐ་ན་རྡུལ་ཕྲན་མཚོན་འཁྱེར་བའི་གནམ་གྲུ་ཡང་ཡོད་སྐོར་འགྲེལ་བརྗོད་བྱས་ཡོད།

དཔོན་ཆེན་གཉིས་ཚར་གཅོད་བྱས་འདུག་

ཉིན་ཤས་རིང་མི་རྣམས་ཀྱིས་གླེང་བཞིན་པ་ནི་རྒྱ་ནག་གི་སྲིད་སྟེགས་ཐོག་སླར་ཡང་འབར་གད་རང་བཞིན་གྱི་ས་ཡོམས་ཆེན་པོ་གཉིས་བརྒྱབ་ཡོད་པ་སྟེ། ཟླ་ ༩ ཚེས་ ༣༠ ཉིན་རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ཁང་ནས་སུན་རླིས་ཅུན་དངོས་སུ་འཛིན་བཟུང་བྱ་རྒྱུའི་ཁྱབ་བསྒྲགས་བྱས་ཡོད། གཞུང་འབྲེལ་གྱི་གསལ་བསྒྲགས་ནང་སུན་རླིས་ཅུན་གྱིས་རང་གི་གོ་གནས་དང་དབང་ཆ་བེད་སྤྱོད་ལོག་པ་བྱས་ཏེ་ཚབས་ཆེའི་སྒྲིག་འགལ་ཁྲིམས་འགལ་བྱས་ཡོད་པ་དང་། ཉེས་གསོག་གི་ངོ་བོ་ཚབས་ཆེ་བ་དང་མཇུག་འབྲས་ངན་པ་ཡིན་པ། འཚོ་བ་དང་སྤྱོད་ཚུལ་རུལ་སུངས་སུ་གྱུར་བ་སོགས་ནན་བརྗོད་བྱས་ཡོད།

ས་གདན་དམར་པོ་དང་། མི་རིགས་རིང་ལུགས་རོ་ལངས།

ཉེ་ལམ་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཐོག་སླར་ཡང་ཡ་མཚན་ཆེ་བའི་ཁྲང་གཞི་ཞིག་འཁྲབ་སྟོན་བྱས་པ་སྟེ། ལོ་གསུམ་ཙམ་གྱི་གོང་དུ་རྨང་ཝན་ཀྲའུ་ཞེས་པའི་རྒྱ་ནག་གི་བེུད་གཅིག་ཁ་ན་ཀྲའི་ཉེན་རྟོག་པའི་འཛིན་བཟུང་གི་བཀའ་རྒྱའི་འོག་ཚུད་ནས་ད་བར་བཀག་ཉར་བྱས་པ་དང་། ཉེ་ལམ་ཁོ་མོ་གནས་སྐབས་རྒྱ་ནག་ཏུ་ཕྱིར་ལོག་བཏང་ཡོད། ཁོ་མོ་ནི་རྒྱ་ནག་གི་རྒྱལ་ཁབ་རིམ་པའི་འགོ་ཁྲིད་མིན་ལ། ཐ་ན་ས་གནས་ཀྱི་དཔོན་ཆུང་ཞིག་ཀྱང་མ་ཡིན།

རི་བོ་ཆེན་པོ་གསུམ་གྱིས་རྒྱ་ནག་གི་དཔལ་འབྱོར་ཉམས་ཉེས།

རྒྱ་ནག་ནི་འཛམ་གླིང་ཐོག་དཔལ་འབྱོར་སྟོབས་ཤུགས་ཨང་གཉིས་པ་ཡིན་ཀྱང་། ད་ལྟའི་སྐབས་རྒྱ་ནག་གི་ཞིང་ཆེན་དང་གྲོང་ཁྱེར་མང་པོའི་ནང་གློག་གི་ནུས་པ་འདང་ངེས་མེད་པ་མ་ཟད། ཉིན་ཤས་ནས་བཟུང་གྲོང་ཁྱེར་དང་ས་གནས་མང་པོར་གློག་ཤར་གཏོང་བྱེད་འཚམས་ཆད་ཡོད། དེ་ཡང་རྒྱལ་སྤྱིའི་རྒྱུད་ལམ་ཁག་གི་ནང་གནས་ཚུལ་ཐོན་པར་གཞིགས་ན་། ཟླ་བ་འདིའི་ནང་རྒྱ་ནག་གི་ཅང་སུའུ་ཞིང་ཆེན་དང་། ཀྲེ་ཅང་ཞིང་ཆེན། ཀོང་ཏུང་ཞིང་ཚེན། ཨན་ཧུའི་ཞིང་ཆེན། ཧྲང་ཧའེ་གྲོང་ཁྱེར་སོགས་

བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༣༠ འཁོར་བའི་དུས་དྲན་

༄༅།།དེ་རིང་བོད་རྒྱལ་ལོ་ ༢༡༤༨ རབ་རྒྱན་འཕར་བ་ཞེས་པ་ལྕགས་མོ་གླང་གི་ལོའི་ཁྲུམས་ཟླའི་དབང་ཕྱོགས་དགའ་བ་གཉིས་པ། ཕྱི་ལོ་ ༢༠༢༡ ཟླ་ ༩ ཚེས་ ༢༧ ཉིན་གྱི་ཕྱི་དྲོའི་ཕྱག་ཚོད་ ༥ : ༠༠ ཐོག འདི་ག་ཚོགས་པའི་ངོ་དེབ་བརྒྱུད། མི་ལོ་སོ་བཞིའི་སྔོན་གྱི་དེ་རིང་། བོད་ཀྱི་རྒྱལ་ས་ལྷ་སར་ལྷག་བསམ་དང་སྙིང་སྟོབས་ཅན་གྱི་འབྲས་སྤུངས་དགོན་པའི་དགེ་འདུན་པ་ཉེར་གཅིག་གིས་སྣེ་འཁྲིད་པའི་དགུ་པའི་ཉེར་བདུན་ལས་འགུལ་སྤེལ་བའི་གལ་ཆེའི་ཉིན་མོ་ཞིག་སྟེ།

ཕྱུག་པོ་གཞུང་བཞེས་དང་དབུལ་པོ་འགྲམ་ཆུ་འཁོར་བ

ཉེ་ལམ་ཞི་ཅིང་ཕིང་གིས་ཐུན་མོང་ཕྱུག་འགྱུར་དང་རྒྱུ་ནོར་མཉམ་སྤྱོད་ཟེར་བའི་སྲིད་ཇུས་གསར་པ་ཞིག་འགོ་འཛུགས་བྱ་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད་པ་དང་། སྲིད་ཇུས་དེ་ནི་དེ་སྔ་ཏེང་ཞའོ་ཧྤེང་གིས་སྔོན་ལ་མི་ཁག་གཅིག་དང་ས་ཁུལ་ཁུལ་ཁག་གཅིག་ཕྱུག་པོ་ཆག་པ་བྱེད་དགོས་པ་དང་། དེ་རྗེས་ཕྱུག་པོ་ཆགས་ཟིན་པའི་ས་ཁུལ་དང་མི་དེ་དག་གིས་དབུལ་ཕོངས་ཀྱི་ས་ཁུལ་དང་མི་མང་རྒྱབ་སྐྱོར་བྱས་ཏེ་ཐུན་མོང་ཐོག་ཕྱུག་པོ་ཆགས་པ་བྱེད་དགོས་པའི་རིག་ལམ་ཞིག་བཏོན་ཡོད།

ཞི་ཅིང་ཕིང་ལྐོག་གསོད་ཀྱི་དོན་རྐྱེན།

གསར་འགྱུར་རྒྱུད་ལམ་ཁང་གི་ནང་ནས་ཤེས་རྟོགས་བྱུང་བའི་གནས་ཚུལ་ལ་བལྟས་ན། ཞི་ཅིང་ཕིང་ལ་ད་བར་ལྐོག་གསོད་ཀྱི་དོན་རྐྱེན་ཐེངས་བདུན་ཙམ་བྱུང་ཡོད་པ་མ་ཟད། དབུས་སྒྲིག་གཤེར་ལྷན་ཁང་གི་འབྲེལ་ཡོད་ལས་དོན་མི་སྣར་ཡང་ལྐོག་གསོད་དང་འཇབ་རྒོལ་གྱི་དོན་རྐྱེན་ཐེངས་མང་ལྷག་པའི་གནས་ཚུལ་ཐོན་མུས་རེད།

ངང་པ་ནག་པོའི་དོན་རྐྱེན་དང་། ཞི་ཅིང་ཕིང་གི་འཇིགས་སྣང།

ངང་པ་ནག་པོ་ནི་ཞི་ཅིང་ཕིང་གིས་ཞེད་སྣང་བྱེད་སའི་སེམས་ཅན་ཞིག་ཡིན་པ་དང་། ཐ་ན་ཁོ་པས་གལ་ཆེའི་ཆབ་སྲིད་ཀྱི་ཚོགས་འདུའི་ཐོག་ཏུའང་ངང་པ་ནག་པོར་དོགས་ཟོན་བྱེད་དགོས་པའི་ནན་བརྗོད་ཐེངས་མང་བྱེད་མྱོང་། དེ་ཡང་ཞི་ཅིང་ཕིང་གིས་འདས་པའི་མི་ལོ་བཅུ་ལ་ཉེ་བའི་རིང་ངང་པ་ནག་པོའི་དོན་རྐྱེན་ལ་ཚད་མཐོའི་དོགས་ཟོན་བྱེད་དགོས་ལ། སེ་རུ་སྐྱ་བོའི་དོན་རྐྱེན་ལའང་དོགས་ཟོན་བྱེད་དགོས་ཅེས་ཡང་ནས་ཡང་དུ་ནན་བརྗོད་བྱེད་ཀྱི་ཡོད་ཅིང། དེའི་ནང་ནས་ཀྱང་ངང་པ་ནག་པོ་ནི་ཞི་ཅིང་ཕིང་གིས་འཇིགས་སྣང་ཆེ་ཤོས་བྱེད་ས་དེ་ཆགས་ཡོད།

ཞི་ཅིན་ཕིང་གིས་མུ་ནེ་བཙན་པོར་ལད་མོ་བྱས་པ།

བོད་ཀྱི་རྒྱལ་རབས་སོ་དགུ་པ་མུ་ནེ་བཙན་པོས་སྐབས་དེའི་བོད་ཀྱི་སྤྱི་ཚོགས་ཀྱི་གནས་སྟངས་དང་། དབུལ་ཕྱུག་གི་བར་ཁྱད་ཆེན་པོ་ཡོད་པའི་གནས་སྟངས་ཀྱི་འོག་ཁོང་གིས་འབངས་རྣམས་དབུལ་ཕྱུག་ལན་གསུམ་སྙོམས་པའི་ལོ་རྒྱུས་ཡོད་པ་ལྟར། ཉེ་ལམ་ཞི་ཅིན་ཕིང་གིས་ཀྱང་རྒྱ་ནག་ནང་དབུལ་ཕྱུག་སྙོམས་སྒྲིག་བྱ་ཆེད། “ཐུན་མོང་ཕྱུག་འགྱུར་”ཞེས་པའི་སྲིད་ཇུས་གསར་པ་ཞིག་བཏོན་ཡོད་པ་དང་། དེ་ལ་རྒྱ་ནག་ནང་གི་འབྱོར་ལྡན་མ་རྩ་ཅན་དང་ཁེ་ལས་ཁྲི་སྟོང་མང་པོ་འཇིག་སྣང་གི་འོག་ཏུ་གནས་ཡོད་

རྒྱལ་སྤྱིའི་གར་སོང་ཆ་མེད་དུ་གྱུར་བའི་དུས་དྲན།

དེ་རིང་ནི་རྒྱལ་སྤྱིའི་གར་སོང་ཆ་མེད་དུ་གྱུར་བའི་དུས་དྲན་ཉིན་མོ་ཡིན་པར་བརྟེན། དུས་སྐབས་འདི་དང་སྟབས་བསྟུན་ནས་འདི་ག་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ངོས་ནས་རྒྱ་གཞུང་གི་བཙན་གནོན་སྲིད་ཇུས་འོག་བོད་མི་འཇུ་བཟུང་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་བའི་གནས་ཚུལ་རྒྱུན་མཐུད་ཐོན་དང་ཐོན་མུས་ཡིན་པར་བརྟེན།

བོད་གཞུང་དགའ་ལྡན་ཕོ་བྲང་གི་གཞུང་ཞབས་ཟུར་པ་རྩིས་དཔོན་རྣམ་སྲས་གླིང་པའི་ལྷ་ལྕམ་ཆོས་སྐྱིད་ལགས་ཀྱི་སྲས་མོ་བསྟན་སྒྲོན་མཆོག་ནས་ཞལ་འདེབས་གནང་བ།

བོད་གཞུང་དགའ་ལྡན་ཕོ་བྲང་གི་གཞུང་ཞབས་ཟུར་པ་རྩིས་དཔོན་རྣམ་སྲས་གླིང་གི་ལྷ་ལྕམ་ཆོས་སྐྱིད་ལགས་དང་། ཁོང་གི་བུ་ཕྲུག་ཚོས་རྒྱ་དམར་གྱི་བཙོན་ཁང་ནང་སྡུག་སྦྱོང་ཚད་མེད་མྱངས་པའི་མི་ཚེའི་ལོ་རྒྱུས་བོད་ཡིག་དང་དབྱིན་ཇི་སོགས་ཀྱི་ཐོག་འབྲི་རྩོམ་གནང་ནས་རྒྱལ་སྤྱིའི་ཐོག་བོད་དོན་བདེན་དཔང་ཆེད་ཁྱབ་བསྒྲགས་ཧ་ཅང་ཆེན་པོ་གནང་བ་མ་ཟད། མི་ཚེའི་ལོ་རྒྱུས་དེབ་ཕྲེང་དག་སྤུས་ཚོང་གནང་བའི་ཕྱག་དངུལ་ཁོངས་ནས་སྔ་རྗེས་སུ་ཧིན་སྒོར་

ཞི་ཅིང་ཕིང་གི་རྒྱུན་འཛིན་པ།

ཉིན་ཤས་རིང་རྒྱ་ནག་ནང་གི་གནས་ཚུལ་ལ་བལྟས་ན། ཆེས་འཁྲུག་ཆ་དོད་ལ་རྣོ་ངར་རང་བཞིན་གྱི་གནས་ཚུལ་གཅིག་མིན་གཉིས་མིན་ངང་ཐོན་བཞིན་ཡོད་པ་དང་། འཆར་ལ་ཉེ་བའི་སྤྱི་ལོ་ ༢༠༢༢ ལོའི་དམར་ཤོག་ཚོགས་པའི་རྒྱལ་ཡོངས་ཚོགས་ཆེན་ཉི་ཤུའི་ཐོག་མི་རབས་དྲུག་པའི་རྒྱུན་འཛིན་པ་སུ་ཞིག་སླེབས་སྲིད་པ་དང། སུ་ཞིག་ཕམ་ཉེས་སུ་འགྲོ་སྲིད་པ་བཅས་ལ་བལྟ་ཞིབ་བྱེད་རིན་ཡོད་པའི་དུས་སྐབས་གཅིག་ཆག་ཡོད། དེ་ཡང་ཞི་ཅིང་ཕིང་གིས་རྒྱ་ནག་གི་ཏང་སྲིད་དམག་གསུམ་གྱི་དབང་ཆ་བཟུང་ནས་ལོ་བཅུ་ལ་ཉེ་བ་འདས་ཟིན།

ལོ་རྒྱུས་ཐོག་ཆེས་སྐྱོ་ཤོས་ཀྱི་མཛད་སྒོ་ཞིག

ཁ་སང་བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་ནག་གཞུང་གིས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་བདུན་བཅུ་འཁོར་བའི་དུས་དྲན་གྱི་མཛད་སྒོ་ཟེར་བ་ཞིག་འཚོགས་ཡོད། ད་ཐེངས་ཀྱི་མཛད་སྒོའི་ཐོག་རྒྱ་ནག་དབུས་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་གཞི་དབང་ཡང་དང་དབུས་འཐབ་ཕྱོགས་གཅིག་གྱུར་ཁང་གི་འགན་འཛིན་ཡའུ་ཆོན་སོགས་མི་གྲངས་ཉི་ཤུ་ལྷག་ཙམ་ཙམ་ཆེད་གཏོང་བྱས་ཡོད། རྒྱ་ནག་གཞུང་གི་སྲིད་ཇུས་ཀྱི་འགྲོ་སྟངས་དང་གལ་གནད་ཆེ་བའི་དུས་དྲན་གྱི་མཛད་སྒོའི་ལམ་སྲོལ་ལ་དོ་སྣང་བྱེད་མཁན་ཞིག་ཡིན་ཚེ་།

དཔེ་དེབ་མཚམས་སྦྱོར། རྣམ་སྲས་གླིང་ཆོས་སྐྱིད་དང་ཁོང་གི་བུ་མོ་བསྟན་སྒྲོལ་གྱི་མི་ཚེའི་ལོ་རྒྱུས།

རྣམ་སྲས་གླིང་ཆོས་སྐྱིད་ལགས་ནི་སྤྱི་ལོ་ ༡༩༣༠ ལོར་གྲོ་མོར་འཁྲུངས་པ་དང་། སྤྱི་ལོ་ ༡༩༤༤ ལོར་བོད་ཀྱི་སྡེ་དཔོན་མི་དྲག་གྲགས་ཅན་རྩིས་དཔོན་རྣམ་སྲས་གླིང་གི་མདུན་མར་ཕེབས། ཁོང་སྔ་རྗེས་སུ་རྒྱ་གར་ནང་ཐེངས་གཉིས་ཙམ་ཕེབས་མྱོང་བ་དང་། སྤྱི་ལོ་ ༡༩༥༨ ལོར་བོད་དུ་བསྐྱར་ལོག་གནང་བ་དང་། སྐབས་དེར་རྩིས་དཔོན་རྣམ་སྲས་གླིང་བོད་གཞུང་བཀའ་ཤག་གི་བཀའ་བཀོད་ལྟར་ལྷོ་ཁ་ཁུལ་དུ་ཆུ་བཞི་སྒང་དྲུག་སར་གྲོས་མོལ་གནང་བར་ཕེབས་ཟིན་སྟབས་ཕན་ཚུན་མཇལ་འཕྲད་ཀྱི་སྐལ་བ་ཙམ་ཡང་མ་བྱུང་བས།

དཔེ་དེབ་མཚམས་སྦྱོར། ཁྲག་དང་མིག་ཆུས་ཁེངས་པའི་གྲྭ་བཞི་བཙོན་ཁང་།

ལྷ་སའི་གྲྭ་བཞི་བཙོན་ཁང་ངམ་བོད་རང་སྐྱོང་ལྗོངས་བཙོན་ཁང་ཨང་དང་པོ་ནི། རྒྱ་དམར་གྱིས་བོད་མི་རྣམས་ལ་བཙན་དབང་དང་སྡུག་རྩུབ་ཀྱི་སྲིད་ཇུས་ལག་ལེན་བྱེད་སའི་བཙོན་ཁང་ཆེ་ཤོས་དེ་ཆགས་ཡོད་ཅིང་། གཤེན་རྗེའི་ཁྲིམས་རྭ་ལྟ་བུའི་བཙོན་ཁང་དེའི་མཐའ་སྐོར་དུ་རྡོ་དང་ཨར་འདམ་ལས་གྲུབ་པའི་ལྕགས་རིས་མཐའ་བསྐོར་ཏེ་ཧ་ཅང་མཐོ་བའི་ལྕགས་རིའི་ཐོག ད་དུང་ལྕགས་དྲྭས་ཞིབ་མོར་འཐེན་ཡོད་ལ། བཙོན་ཁང་གི་ཕྱོགས་བཞིར་སོ་ལྟའི་ཐོག་ཁང་རེ་ཡོད་པ་དང་།

ཐའེ་ཝན་གྱིས་རྒྱ་ནག་ཕམ་ཉེས་བཏང་བ་དང་། ཐའེ་ཝན་གྱི་དར་ཆ་སྒྲེང་འཛུགས།

ཉི་ཧོང་དུ་འཚོགས་བཞིན་པའི་རྒྱལ་སྤྱིའི་ཨོ་གླེང་ཧྤེང་རྩེད་འགྲན་ཆེན་མོའི་ཐོག་ཐེ་ཝན་གྱི་བྱ་སྒྲོའི་རུ་ཁག་དང་རྒྱ་ནག་གི་རུ་ཁག་གཉིས་འགྲན་བསྡུར་གྱི་ཁ་གཏད་ཆགས་པ་དང་། འགྲན་རྩོད་གྱི་གོ་རིམ་དང་པོའི་ནང་ཐེ་ཝན་གྱི་རུ་ཁག་སམ་མཉམ་བཞུགས་བྱེད་མཁན་གྱི་མི་དེ་གཉིས་ལ་བསྡུར་གྲངས་ ༢༢ དང་ ༡༨ གྱི་ཐོག་ནས་རྒྱ་ནག་གི་རུ་ཁག་ལས་རྣམ་པར་རྒྱལ་ནས་རྒྱལ་ཁ་ཐོབ་པ་དང་།

མི་ལོ་ཉི་ཤུ་ཁྲིམས་ཐག་བཅད་པ།

ཁ་སྔོན་ཨ་རིའི་གྲོང་ཁྱེར་ཉིའུ་ཡོག་ཏུ་རྟེེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་ནས་བོད་དོན་དང་འབྲེལ་བའི་སྙན་ཐོ་ཞིག་འདོན་སྤེལ་བྱས་ཡོད་པའི་ནང་བོད་ནང་གི་བོད་མི་བཞི་ལ་ལོ་ ༥ ནས་ ༢༠ བར་གྱི་ཁྲིམས་ཆད་བཏང་བའི་གནས་ཚུལ་འགྲེལ་བརྗོད་བྱས་ཡོད། དེ་ཡང་རྒྱ་ནག་གཞུང་གིས་བོད་ནང་བོད་མི་སྐྱ་སེར་སུ་ཞིག་ཡིན་རུང་རྒྱལ་ཁབ་ཀྱི་བདེ་འཇགས་དང་། སྤྱི་ཚོགས་བརྟན་ལྷིང་ལ་གནོད་འཚེ་བཏང་བའི་ཉེས་མིང་འོག་ནན་པོ་དང་།

ལོ་བརྒྱའི་དུས་ཆེན་དང་དམར་ཤོག་གི་འཐབ་རྩོད།

འདི་ཟླའི་ཚེས་ ༡ ཉིན་རྒྱ་ནག་དམར་ཤོག་ཚོགས་པ་གསར་འཛུགས་བྱས་ཏེ་ལོ་བརྒྱ་འཁོར་བའི་མཛད་སྒོ་འཚོགས་ཡོད། གཤམ་གྱི་པར་རིས་འདི་གཉིས་ནི་འདི་ཟླའི་ཚེས་ ༡ ཉིན་རྒྱ་ནག་དམར་ཤོག་ཚོགས་པ་གསར་འཛུགས་བྱས་ཏེ་ལོ་བརྒྱ་འཁོར་བའི་མཛད་སྒོའི་སྐབས་རེད། སྐབས་དེའི་མཛད་སྒོར་ཉམས་ཞིབ་བྱེད་མཁན་ཞིག་ཡིན་ཚེ་མཛད་སྒོ་དེ་གཅིག་པུའི་ཐོག་ནས་རྒྱ་ནག་གི་གནས་སྟངས་མང་པོར་རྒྱུད་ལོན་ཐུབ་པ་མ་ཟད།

ཞི་ཅིང་ཕིང་གི་དབང་ཚད་ལོ་རྒྱུས་ཀྱི་རྩེ་མོར་གསོན་པའི་མཚོན་རྟགས།

རྒྱ་ནག་གཞུང་འབྲེལ་གྱི་རྒྱུད་ལམ་ཁང་གི་ནང་གནས་ཚུལ་སྤེལ་བར་གཞིགས་ན། སྤྱི་ལོ་ ༢༠༢༡ ཟླ་ ༦ ཚེས་ ༢༧ ཉིན་། ཞི་ཅིང་ཕིང་གི་ཁྲིམས་སྐྱོང་གི་བསམ་བློའི་ཞིབ་འཇུག་ལྟེ་གནས་ཁང་ཟེར་བ་དངོས་སུ་དབུ་བརྙེས་པའི་ཚོགས་ཆེན་སྐོང་འཚོགས་བྱས་ཡོད། གནས་ཚུལ་དེའི་ཐོག་ནས་ཞི་ཅིང་ཕིང་གི་ཆབ་སྲིད་ཀྱི་དབང་ཆ་དེ་ལོ་རྒྱུས་ཐོག་གི་ཚད་གཞི་མཐོ་ཤོས་སུ་སླེབས་ཡོད་པ་མཚོན་ཡོད་ཅིང།

ཀུ་ཤུ་གསར་ཁང་གི་རྐྱེན་ངན་གྲོགས་ཤར།

རྒྱལ་སྤྱིའི་རྒྱུད་ལམ་ཁག་ནས་གནས་ཚུལ་ཐོན་པར་གཞིགས་ན། ཉེ་ལམ་རྒྱ་ནག་གཞུང་གིས་ཧོང་ཀོང་དུ་རྟེན་གཞི་བྱས་པའི་ཀུ་ཤུ་ཚགས་པར་གྱི་འགན་འཛིན་དང་རྩོམ་འབྲི་པ་སོགས་འབྲེལ་ཡོད་མི་སྣ་ལྔ་ཙམ་འཇུ་བཟུང་བྱས་ཡོད་ཅིང། ཀུ་ཤུ་ཚགས་པར་ནི་ཧོང་ཀོང་ནང་སྐད་གྲགས་ཆེ་བའི་གསར་ཁང་ཞིག་དང་ཧོང་ཀོང་མི་མང་གིས་དགའ་མོས་དང་རྒྱབ་སྐྱོར་ཆེན་པོ་བྱེད་པའི་གསར་ཁང་ཞིག་རེད།

ཧུའུ་ཅིན་ཐའོ་དང་ཞི་ཅིང་ཕིང་གིས་བོད་ལ་འཛིན་པའི་སྲིད་ཇུས་ཀྱི་ཁྱད་པར།

ཧུའུ་ཅིན་ཐའོ་ཡིས་ཞི་ཅིང་ཕིང་ལ་སྲིད་དབང་རྩིས་སྤྲོད་བྱས་རྗེས་ཀྱི་འདས་པའི་ལོ་ངོ་དགུ་ཙམ་གྱི་རིང་རྒྱ་ནག་དེ་ཚོགས་པ་གཅིག་གིས་སྲིད་དབང་སྒེར་འཛིན་བྱེད་པའི་ལམ་ལུགས་དེར་འགྱུར་ལྡོག་གང་ཡང་སོང་མེད་ཀྱང། ཞི་ཅིང་ཕིང་གི་འཛིན་སྐྱོང་བྱེད་ཕྱོགས་དང་འབྲེལ་བའི་གནད་དོན་ཁ་ཤས་ཀྱི་ཐད་འགྱུར་བྱུང་ཡོད་པ་སྟེ། བོད་ཀྱི་ལས་དོན་འབྲེལ་བའི་ཐོད་ནས་བཤད་ན།

རྒྱ་ནག་གིས་ཨ་རིར་ནད་འབུའི་དམག་འཁྲུག་གྲ་བསྒྲིགས།

རྒྱལ་སྤྱིའི་རྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་པར་གཞིགས་ན། རྒྱ་ནག་གཞུང་གིས་ལོ་བཅུ་ཕྲག་གོང་ནས་སྐྱེ་དངོས་མཚོན་ཆ་བཟོ་རྒྱུའི་འཆར་འགོད་བྱས་ཡོད་པ་མ་ཟད། མཚོན་ཆ་དེ་དག་ལ་བརྟེན་ནས་ཨ་རི་རྒྱལ་སྤྱིའི་སྡེང་ཆའི་ཐོག་ནས་རྩ་མེད་བཟོ་རྒྱུ་དང་། དེའི་ཚབ་ལ་རྒྱ་ནག་རང་ཉིད་ཀྱིས་རྒྱལ་སྤྱིའི་གནས་བབ་ཁ་ལོ་བསྒྱུར་རྒྱུའི་འཆར་གཞི་བཀོད་ཡོད། དེ་ཡང་ཡང་རྒྱ་ནག་དབུས་དམག་དོན་ལྷན་ཁང་གི་དམག་སྤྱི་ཟུར་པ་ཁྲེ་ཧའོ་ཐན་གྱིས་ནང་ཁུལ་གྱི་གཏམ་གླེང་ཧ་ཅང་རིང་པོ་ཞིག་བྱས་ཡོད་པའི་ནང། ཨ་རི་དང་རྒྱ་ནག་འགལ་བ་ཡིན་པ་དང་།

རྒྱ་ནག་ནི་ཤོག་བུའི་སྟག་རེད།

དེ་སྔ་མའོ་ཙེ་ཏུང་གིས་ཨ་རི་བཙན་རྒྱལ་རིང་ལུགས་ནི་ཤོག་བུའི་སྟག་ཡིན་པ་ལས་སྟག་ངོ་མ་ཞིག་གཏན་ནས་མ་རེད། ཕྱི་ཚུལ་ནས་བལྟས་ན་མི་རྣམས་སྐྲག་སྣང་སྐྱེ་དགོས་པ་ཞིག་ཡོད་ཀྱང་དོན་དངོས་ཐོག་སྐྲག་སྣང་སྐྱེ་དགོས་དོན་ཅི་ཡང་མེད། དེ་ནི་ཤོག་བུས་བཟོས་པའི་སྟག་རེད་ཅེས་བརྗོད་ཡོད། ཡིན་ནའང། སྤྱི་ལོ་ ༢༠༢༡ ཟླ་ ༥ ཚེས་ ༢༠ ཉིན་ཡོ་རོབ་གྲོས་ཚོགས་ཀྱིས་ཡོ་རོབ་དང་རྒྱ་ནག་གི་་དབར་ལ་བཞག་པའི་ཚོང་དོན་མ་འཇོག་གི་གན་རྒྱ་ཡོངས་སུ་རྩིས་མེད་གཏོང་རྒྱུར་གྲོས་འཆམ་བྱས་པ་དང་།

བོད་ཀྱི་རྒྱལ་གཅེས་ཆབ་སྲིད་བཙོན་པ་འདས་གྲོངས་སུ་ཕྱིན་པའི་ཡིད་སྐྱོའི་གནས་ཚུལ།

༄༅།།ཕྱི་ལོ་ ༢༠༢༡ ཟླ་ ༥ ཚེས་ ༤ ཉིན་་གནས་ཚུལ་ཐོན་གསལ་ལྟར་ན། བོད་ཀྱི་ཁམས་ཤག་རོང་པོའི་གེ་སོ་སྲ་བྷ་གྲོང་གི་གྲོང་མི་ནོར་བཟང་ལགས་རྒྱ་ནག་གཞུང་གིས་མནར་གཅོད་འོག་རྐྱེན་འདས་སུ་ཕྱིན་ཡོད་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་འདི་ག་ཚོགས་པའི་ཚོགས་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཡིད་ཤིན་ཏུ་སྐྱོ་བའི་ངང་མྱ་ངན་གུས་བཏུད་ཞུ་རྒྱུ་དང་། གངས་ཅན་ཞིང་གི་ལྷ་སྐལ་སྐྱབས་མཆོག་༸རྒྱལ་དབང་གྲུ་འཛིན་མགོན་པོ་ངུར་སྨྲིག་གར་གྱི་རྣམ་རོལ་གང་གི་ཐུགས་རྗེའི་ལྕགས་ཀྱིས་མྱུར་བ་ཉིད་དུ་སྐྱོང་བར་མཛད་དུ་གསོལ། ཞེས་གསོལ་བ་རྩེ་གཅིག་ཏུ་འདེབས་པ་ལགས་སོ།།

བོད་ཀྱི་རྒྱལ་གཅེས་ཆབ་སྲིད་བཙོན་པ་འདས་གྲོངས་སུ་ཕྱིན་པའི་ཡིད་སྐྱོའི་གནས་ཚུལ།

༄༅།།ཕྱི་ལོ་ ༢༠༢༡ ཟླ་ ༥ ཚེས་ ༤ ཉིན་་གནས་ཚུལ་ཐོན་གསལ་ལྟར་ན། བོད་ཀྱི་ཁམས་ཤག་རོང་པོའི་གེ་སོ་སྲ་བྷ་གྲོང་གི་གྲོང་མི་ནོར་བཟང་ལགས་རྒྱ་ནག་གཞུང་གིས་མནར་གཅོད་འོག་རྐྱེན་འདས་སུ་ཕྱིན་ཡོད་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་འདི་ག་ཚོགས་པའི་ཚོགས་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཡིད་ཤིན་ཏུ་སྐྱོ་བའི་ངང་མྱ་ངན་གུས་བཏུད་ཞུ་རྒྱུ་དང་། གངས་ཅན་ཞིང་གི་ལྷ་སྐལ་སྐྱབས་མཆོག་༸རྒྱལ་དབང་གྲུ་འཛིན་མགོན་པོ་ངུར་སྨྲིག་གར་གྱི་རྣམ་རོལ་གང་གི་ཐུགས་རྗེའི་ལྕགས་ཀྱིས་མྱུར་བ་ཉིད་དུ་སྐྱོང་བར་མཛད་དུ་གསོལ། ཞེས་གསོལ་བ་རྩེ་གཅིག་ཏུ་འདེབས་པ་ལགས་སོ།།

བོད་མིའི་རང་དབང་སྒེར་ལངས་ཐེངས་ ༦༢ པ་སྲུང་བརྩི་ཞུ་བ།

སྔ་འགྱེལ་རྗེས་མཐུད་ཀྱི་གསུམ་བཅུའི་སྙིང་སྟོབས་ནམ་ཡང་ལོ་རྒྱུས་ཀྱི་དེབ་ཐེར་ནང་འཁོད་ངེས་རེད། འཛམ་གླིང་ས་གནས་གང་སར་རྣམ་པ་མིན་གྱི་ཐོག་ནས་བོད་མིའི་རང་དབང་སྒེར་ལངས་ཐེངས་ ༦༢ པ་སྲུང་བརྩི་ཞུ་བཞིན་པ་ལྟར། འདི་ག་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ངོས་ནས་ཀྱང་བཞུགས་སྒར་རྡ་རམ་ས་ལར་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དང་མཉམ་འབྲེལ་གྱི་ཐོག་ནས་སྲུང་བརྩི་ཟབ་རྒྱས་ཞུས་པ་དང།

ཚོགས་མི་བགྲེས་སྲོང་བཀའ་རྙིང་བློ་བཟང་བདེ་སྐྱིད་མཆོག་སྐུ་ཚེ་མ་ཟིན་པར་མྱ་ངན་གུས་བཏུད་ཞུ།

༄༅།།བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་མི་བགྲེས་སྲོང་བཀའ་རྙིང་བློ་བཟང་བདེ་སྐྱིད་མཆོག ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༦ ཉིན་རྒྱབ་ཕྱག་ཚོད་ ༥ ཙམ་ལ་བཞུགས་སྒར་རྡ་སའི་རང་ཁྱིམ་དུ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཡིད་ཤིན་ཏུ་སྐྱོ་བའི་ངང་མྱ་ངན་གུས་བཏུད་ཞུ་རྒྱུ་དང་། འཛམ་གླིང་ས་ཕྱོགས་གང་སར་བཞུགས་པའི་ཤུལ་ལུས་བུ་ཕྲུག་དང་གཉེན་ཉེ་འཁོར་རྣམས་ལ་ཐུགས་གསོའི་འཚམས་འདྲི་ཡང་ཞུ་རྒྱུ་ཡིན།

བོད་འཆི་གསོན་ཇི་ཡོང་གི་འགག་རྩའི་ཚོགས་འདུ་གཉིས།

ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༡༧ ཉིན་ནས་ཚེས་ ༢༡ བར་དུ་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་དང་། ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་འདུ་ཁག་གཉིས་དེ་སྐོང་འཚོགས་བྱས་ཡོད། བོད་ལ་ཆ་མཚོན་ན་ཚོགས་འདུ་དེ་གཉིས་ནི་མ་འོངས་འབྱུང་འགྱུར་གྱི་ལོ་ལྔ་ཚན་གཅིག་ནང་རྒྱ་ནག་གཞུང་གིས་བོད་ལ་འཛིན་པའི་སྲིད་ཇུས་གང་འདྲ་ཞིག་ལག་ལེན་བྱ་རྒྱུ་ཡིན་པ་དང་།

ཏོག་དབྱིབས་རིམས་ནད་ཀྱིས་གོ་ལའི་བདེ་འཇགས་དང་འགྲོ་བ་མིའི་ཚེ་སྲོག་སྲུང་སྐྱོབ་ཀྱི་ཐད་ལ་འགྲན་རྩོད་དྲག་པོ་སློང་བཞིན་པ་དང་། རྒྱལ་ཁབ་མང་པོས་ཚ་ཚ་འུར་འུར་གྱི་ཐོག་ནས་སྔོན་ཁབ་བཟོ་བསྐྲུན་ལ་གཞོལ་བཞིན་པའི་དུས་འདིར། རྒྱ་གར་གྱིས་ཆེས་ལེགས་གྲུབ་ལྡན་པའི་ཐོག་ནས་སྔོན་ཁབ་གསར་བཟོ་ལེགས་གྲུབ་ཟིན་པ་མ་ཟད། དངོས་སུ་བེད་སྤྱོད་ཡང་བྱེད་འགོ་ཚུགས་ཡོད། ཉིན་དེ་དག་གི་རིང་རྒྱ་གར་གྱིས་གསར་བཟོ་བྱས་པའི་ཏོག་དབྱིབས་སྔོན་ཁབ་དེས་ཏོག་དབྱིབས་རིམས་ནད་སྔོན་འགོག་ཐུབ་པ་མ་ཟད། རིམས་ནད་དེའི་རིགས་རྒྱུན་འགྱུར་ལྡོག་བྱུང་བའི་རིམས་ནད་གསར་པར་ཡང་ཕར་རྒོལ་བྱས་ཏེ་རྩ་མེད་བཟོ་ཐུབ་ཀྱི་ཡོད་པ་བཅས་སྔོན་ཁབ་གཅིག་གིས་དུས་གཅིག་ལ་རིམས་ནད་གཉིས་ལ་ཕར་རྒོལ་བྱེད་ཐུབ་པའི་གཏམ་བཟང་ཐོན་འདུག གཏམ་བཟང་འདི་ནི་རྒྱ་གར་མི་དམངས་ཙམ་མ་ཟད་འཛམ་གླིང་མི་མང་ཡོངས་ལ་ཆ་མཚོན་ནའང་གཏམ་བཟང་དང་བཀྲིས་པའི་དོན་ཆེན་ཞིག་རེད། གྲུབ་འབྲས་འདི་ནི་ལས་སླ་པོར་བྱུང་བ་ཞིག་མ་ཡིན་སྟེ། རྒྱ་གར་གཞུང་གིས་ཚད་མཐོའི་མཐོང་ཆེན་དང་མཐུན་འགྱུར་གནང་བ། དེ་བཞིན་གསོ་རིག་ཞིབ་འཇུག་གི་ལས་གནས་ཐོག་ཕྱག་ལས་གནང་བཞིན་པའི་རྒྱ་གར་གྱི་ཚན་རིག་མཁས་པ་དང་སྨན་པ་ཚོས་དཀའ་སྤྱད་འབད་བརྩོན་གནང་བའི་གྲུབ་འབྲས་ཤིག་རེད། མ་ཟད་རྒྱ་གར་གཞུང་གིས་བྱམས་བརྩེའི་ཕྱག་ཟུང་རིང་པོར་བརྐྱངས་ནས་ཁྱིམ་མཚེས་བལ་ཡུལ་དང། འབྲུག་ཡུལ། བྷང་ལཱ་རྡི་ཤི ཨ་ཧྤུ་གཱ་ན་སི་ཐན་། ཤཱི་རི་ལང་གཱ་སོགས་རྒྱལ་ཁབ་ཁག་ལ་རིམས་མེད་ཀྱི་ཐོག་ནས་སྔོན་ཁབ་ས་ཡ་ཉི་ཤུ་ལྷག་ཙམ་སྨན་སྦྱིན་གཏོང་བཞིན་ཡོད་པ་བཅས་རྒྱ་གར་གྱི་རླབས་ཆེན་གྱི་གྲུབ་འབྲས་དང་བྱམས་སེམས་ཆེ་བའི་གཏོང་ཕོད་འདི་དག་གིས་རྒྱལ་སྤྱིའི་ཐོག་མིག་དཔེ་བཟང་པོ་ཞིག་བསྟན་པ་མ་ཟད། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ནས་ཀྱང་ཚད་མཐོའི་མཐོང་ཆེན་དང་བསྔགས་བརྗོད་བྱེད་མུས་ཡིན་པས། ཤུགས་རྐྱེན་གྱི་ནུས་པ་དེ་དག་ནི་རྒྱ་ནག་ལས་རྣམ་པར་རྒྱལ་བའི་རྟགས་ཚན་བཟང་པོ་ཞིག་ཀྱང་རེད།

 

སྤྱི་ལོ ༢༠༢༢ ལོར་འཛམ་གླིང་དགུན་དུས་ཨོའོ་རྩལ་འགྲན་ཚོགས་རྒྱ་ནག་ཏུ་སྐོང་འཚོགས་བྱ་རྒྱུར་ངོ་རྒོལ།

སྤྱི་ལོ ༢༠༢༢ ལོར་འཛམ་གླིང་དགུན་དུས་ཨོའོ་རྩལ་འགྲན་ཚོགས་རྒྱ་ནག་ཏུ་སྐོང་འཚོགས་བྱ་རྒྱུར་ངོ་རྒོལ་གྱི་ཆེད་དེ་རིང་ཟླ་ ༢ ཚེས་ ༣ ཉིན་གྱི་སྔ་དྲོ་འདི་ག་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་དང་། བོད་ཀྱི་གཞུང་འབྲེལ་མ་ཡིན་པ་ཚོགས་ཁག་མཉམ་འབྲེལ་གྱིས་ལས་འགུལ་རིམ་པ་ཁག་གཉིས་ཙམ་སྤེལ་བ།

རྒྱ་གར་གཞུང་འཛིན་ཚོགས་པའི་ཚོགས་མི་ཉམས་ཞིབ་མཁས་དབང་ཨ་ཤེའི་ཤེ་བཱ་ཝའེ་མཆོག་དང་ཐུག་འཕྲད་གནང་བ།

༄༅།།ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༩ སྟེ། ཁ་ཉིན་སྔ་དྲོའི་ཕྱག་ཚོད་བཅུ་གཅིག་ནས་བཅུ་གཉིས་དང་ཕྱེད་ཀ་ཙམ་ཞིག་གི་རིང་ལ། རྒྱ་གར་གཞུང་འཛིན་ཚོགས་པའི་ཚོགས་མི་ཉམས་ཞིབ་མཁས་དབང་ཨ་ཤེའི་ཤེ་བཱ་ཝའེ་མཆོག བོད་ཀྱི་གནད་དོན་དང་བཅས་པར་ཉམས་ཞིབ་གནང་ཆེད་དུ་བཞུགས་སྒར་རྡ་རམ་ས་ལར་ཕེབས་པའི་གོ་སྐབས་དང་བསྟུན་ནས་འདི་ག་ལས་འགུལ་ཚོགས་པར་གཟིགས་སྐོར་དང་།

ཆབ་སྲིད་བཙོན་ཟུར་ཨ་ཀྱཱ་ཀྱཱ་ལགས་གློད་བཀྲོལ་བཏང་བའི་གནས་ཚུལ།

གསར་འགྱུར་རྒྱུད་ལམ་འགའ་ཞིག་ཏུ་གནས་ཚུལ་ཐོན་པར་གཞིགས་ན། ཆབ་སྲིད་བཙོན་ཟུར་ཨ་ཀྱཱ་ཀྱཱ་ལགས་གློད་བཀྲོལ་བཏང་བའི་གནས་ཚུལ་ཐོན་འདུག ཨ་ཀྱཱ་ཀྱཱ་ལགས་ནི་མདོ་སྨད་རྔ་པ་རྨེ་རུ་མའི་རུ་ཆེན་དང་པོ་ནས་ཡིན་པ་དང། རྒྱ་ནག་གཞུང་གིས་ཁོང་ལ་དེ་ལྟ་བུའི་བཙོན་འཇུག་ཁྲིམས་ཐག་གཅོད་དགོས་དོན་ནི་ཁོང་གིས་༸གོང་ས་མཆོག་གི་སྐུ་ཡི་གྱ་དོན་སྲུང་བརྩི་དང་འབྲེལ་བའི་གནས་ཚུལ་མི་གཞན་ལ་བརྒྱུད་སྐུལ་བྱས་པའི་ཉེས་མིང་འོོག་ནས་བཙོན་འཇུག་བྱས་པ་ཞིག་རེད།

བོད་ཀྱི་གཞི་རིམ་གྲོང་ཚོ་ཁག་གི་འགན་འཁུར་བ་དམར་ཤོག་ཚོགས་མི་ཡིན་པ་བྱེད་དགོས། ལྟོ་གོས་ཀྱི་གནད་དོན་ཐག་གཅོད་བྱེད་དགོས་ལ། བསམ་བློའི་གནད་དོན་ཡང་ཐག་གཅོད་བྱེད་དགོས།

ཉེ་ལམ་བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པས་གཞི་རིམ་ཏང་འཛུགས་ལས་དོན་གྱི་གཟེངས་བསྟོད་ཚོགས་ཆེན་ཟེར་བ་སྐོང་འཚོགས་བྱས་ཡོད་པ་དང་། བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲུང་ཆེ་ཝུའུ་དབྱིང་ཇིས་བོད་ཀྱི་གཞི་རིམ་གྲོང་ཚོ་ཁག་གི་འགན་འཁུར་བ་བརྒྱ་ཆ་ ༡༠༠ གུང་ཁྲན་ཏང་ཡོན་ནམ་དམར་ཤོག་ཚོགས་མི་ཡིན་པ་བྱེད་དགོས་པའི་ནན་བརྗོད་བྱས་ཡོད།

རྒྱལ་གཅེས་པ་ཆོས་ཀྱིས་ལགས་འདས་གྲོངས་སོང་བར་ཡིད་གདུང་དྲག་པོས་མྱང་ངན་ཞུ།

གསར་འགྱུར་བརྒྱུད་ལམ་ཁག་གི་ནང་གནས་ཚུལ་ཐོན་པར་གཞིགས་ན། དགུང་ལོ་༤༣ལ་ཕེབས་པའི་ཆབ་སྲིད་བཙོན་ཟུར་ཆོས་ཀྱིས་ལགས་དེ་རིང་བོད་ནང་གི་ཉིིན་རྒྱབ་ཕྱག་ཚོད་གསུམ་པའི་ཐོག་འདས་གྲོངས་སོང་བའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག་ཅིང། དེ་ཡང་ཆབ་སྲིད་བཙོན་ཟུར་ཆོས་ཀྱེས་ལགས་ནི་སྤྱི་ལོ་ ༢༠༡༥ ལོར་སྐུའི་གྱ་སྟོན་དང་འབྲེལ་བའི་སྟོད་གོས་བཟོས་པ་དང་

རྒྱལ་གཅེས་པ་ཚེ་རིང་བག་གྲོ་ལག་འདས་གྲོངས་སོང་བར་ཡིད་སྐྱོ་བའི་མྱང་ངན་ཞུ།

རྒྱལ་གཅེས་པ་ཚེ་རིང་བག་གྲོ་ལགས་ནི་ལྷ་ས་གྲོང་ཁྱེར་མལ་གྲོང་གུང་དཀར་རྒྱ་མ་ཤང་ནས་ཡིིན་པ་དང། ཆུང་དུས་ནས་ལྷ་སའི་ཤར་ཕྱོགས་དགའ་ལྡན་དགོན་དུ་ཆོས་བཞུགས་ཀྱིས་ནང་བསྟན་གཞུང་ལུགས་ལ་ཐོས་བསམ་སློབ་གཉེར་གནང་མགོ་ཚུགས།་་ཡིན་ནའང་། ལོ་རབས་དགུ་བཅུ་པའི་ནང་རྒྱ་ནག་གཞུང་གིས་བོད་ནང་རྒྱལ་གཅེས་ཆོས་གཅེས་དང་

ཆབ་སྲིད་བཙོན་ཟུར་བཀྲ་ཤིས་ཕུན་ཚོགས་ལགས་སྐུ་གྲོངས་འདུག

གསར་འགྱུར་རྒྱུད་ལམ་ཁག་གི་ནང་གནས་ཚུལ་ཐོན་པར་གཞིགས་ན།འདི་ཟླའི་ཚེས་ ༡༦ ཉིན་ཕ་ཡུལ་ལི་ཐང་ནས་ཡིན་པའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་བཀྲ་ཤིས་ཕུན་ཚོགས་ལགས་རྒྱ་ནག་གིས་མནར་གཅོད་ཚད་མེད་བཏང་པར་བརྟེན་ནད་གཅོང་དུ་གྱུར་ནས་འདས་གྲོངས་ཕྱིན་པའི་གནས་ཚུལ་ཐོན་འདུག

ས་ར་མཐོ་སློབ་ཏུ་བོད་ཡིག་རྩོམ་ཡིག་འགྲན་བསྡུར།

ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་མཆོག་དགོངས་པ་རྫོགས་ནས་མི་ལོ་ཧྲིལ་པོ་ ༣༡ འཁོར་བའི་འཚམས་འདིར་ཁོང་གིས་བོད་མི་རིགས་ལ་བཞག་པའི་རླབས་ཆེན་གྱི་མཛད་རྗེས་ལ་རྗེས་དྲན་བྱེད་ཆེད་དེ་རིང་འདི་ག་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི ངོས་ནས་ས་ར་མཐོ་སློབ་ཏུ་བོད་ཡིག་རྩོམ་ཡིག་འགྲན་བསྡུར་གྱི་ལས་འགུལ་ཞིག་སྤེལ་ཡོད།

བཀྲིས་ལྷུན་དགོན་པར་ ཆབ་སྲིད་སློབ་སྦྱོང་གི་ལས་འགུལ།

་ནག་གཞུང་གིས་བོད་ཀྱི་རིས་མེད་དགོན་སྡེ་ཁག་གི་ནང་རྒྱལ་གཅེས་ཆོས་གཅེས་ཟེར་བའི་སློབ་གསོའི་མིང་བྱང་འོག་དགོན་པའི་གྲྭ་བཙུན་རྣམས་ཆོས་ལུགས་སློབ་སྦྱོང་དང་ཉམས་ལེན་བྱས་ཏེ་བློ་བདེ་བག་ཕེབས་ངང་གནས་བཟོད་མི་ཐུབ་པར།

བོད་ཀྱི་ཚོགས་འདུ་གཉིས་དང་༸གོང་ས་མཆོག་ལ་མཚན་སྨད་ཞུ་བའི་སྐུལ་སློང་།

སྤྱི་ལོ་ ༢༠༢༠ ལོའི་ཟླ་ ༡ ཚེས་ཤར་ནས་བཟུང་བོད་རང་སྐྱོང་ལྗོངས་མི་མང་འཐུས་མི་ཚོགས་ཆེན་དང་སྲིད་གྲོས་ཀྱི་ཚོགས་འདུ་གཉིས་སྐོང་འཚོགས་བྱེད་མུས་ཡིན་པ་དང། ཚོགས་འདུ་དེ་གཉིས་ནི་བོད་རང་སྐྱོང་ལྗོངས་ལ་ཆ་མཚོན་ན་ལོ་གཅིག་དུས་གཅིག་གི་གལ་གནད་ཤིན་ཏུ་ཆེ་བའི་ཚོགས་འདུ་ཞིག་རེད།

ཨ་མ་ཨ་བདེ་ལགས་ཀྱི་གཟིམ་ཁང་དུ་འཚམས་གཟིགས།

རྒྱལ་གཅེས་ཆབ་སྲིད་བཙོན་ཟུར་ཨ་མ་ཨ་བདེ་ལགས་ཉེ་ཆར་རྐང་པ་རྡབ་སྐྱོན་བྱུང་ནས་སྨན་ཁང་བསྟེན་གཏུགས་བྱེད་དགོས་བྱུང་བ་དང། དེ་རིང་འདི་ག་ཚོགས་པའི་ཚོགས་གཙོ་ངག་དབང་ཁྲི་རལ་དང། ཚོགས་གཞོན་ཟླ་བ་བཀྲིས། དྲུང་ཆེ་རྒྱལ་ཐང་རིན་པོ་ཆེ།དངུལ་གཉེར་པདྨ་ཚེ་དབང་ཁོང་གི་གཟིམ་ཁང་དུ་འཚམས་འདྲིར་ཆེད་བཅར་ཞུས་པ་ཡིན།