ཐའེ་ཝན་གྱིས་རྒྱ་ནག་ཕམ་ཉེས་བཏང་བ་དང་། ཐའེ་ཝན་གྱི་དར་ཆ་སྒྲེང་འཛུགས།

ཉི་ཧོང་དུ་འཚོགས་བཞིན་པའི་རྒྱལ་སྤྱིའི་ཨོ་གླེང་ཧྤེང་རྩེད་འགྲན་ཆེན་མོའི་ཐོག་ཐེ་ཝན་གྱི་བྱ་སྒྲོའི་རུ་ཁག་དང་རྒྱ་ནག་གི་རུ་ཁག་གཉིས་འགྲན་བསྡུར་གྱི་ཁ་གཏད་ཆགས་པ་དང་། འགྲན་རྩོད་གྱི་གོ་རིམ་དང་པོའི་ནང་ཐེ་ཝན་གྱི་རུ་ཁག་སམ་མཉམ་བཞུགས་བྱེད་མཁན་གྱི་མི་དེ་གཉིས་ལ་བསྡུར་གྲངས་ ༢༢ དང་ ༡༨ གྱི་ཐོག་ནས་རྒྱ་ནག་གི་རུ་ཁག་ལས་རྣམ་པར་རྒྱལ་ནས་རྒྱལ་ཁ་ཐོབ་པ་དང་། དེ་རྗེས་འགྲན་རིམ་གཉིས་པའི་སྐབས་བསྡུར་གྲངས་ ༢༡ དང་ ༡༢ ཀྱི་ཐོག་ནས་ཐའེ་ཝན་ལ་རྒྱལ་ཁ་ཆེན་པོ་ཐོབ་ནས་རྒྱ་ནག་གི་རུ་ཁག་དེ་གཉིས་ཕམ་ཉེས་ཆེན་པོ་བྱུང་འདུག འགྲན་རྩོད་གྲུབ་རྗེས་རྒྱལ་ཁའིག་གཟེངས་རྟགས་སྤྲོད་སྐབས་རྒྱ་ནག་གི་རྒྱལ་དར་དང་། ཐའེ་ཝན་གྱི་ཨོ་གླིང་ཧྤེང་ཚོགས་དར་གཉིས་མཉམ་དུ་ཚོགས་རྭའི་སྡེང་ཆའི་ཐོག་སྒྲེང་འཛུགས་བྱས་ཡོད། ད་ཐེངས་ཀྱི་འགྲན་རྩོད་ནང་ཐའེ་ཝན་ལ་ཨའོ་གླེང་ཧྤེང་རྩེད་འགྲན་སྐབས་བྱ་སྒྲོའི་འགྲན་བསྡུར་ནང་གསེར་གྱི་རྟགས་མ་བླངས་པ་ཐོག་མ་དེ་ཆགས་ཡོད་ལ། རྒྱ་ནག་གི་རྒྱལ་དར་དང་རྒྱལ་གླུའི་མདུན་དུ་ཐའེ་ཝན་གྱི་རྩེད་འགྲན་ཆེན་མོའི་ཚོགས་དར་དང་གླུ་གཞས་བཏང་བ་དེ་ཡང་ཨོ་གླེང་ཧྤེང་རྩེད་འགྲན་གྱི་ལོ་རྒྱུས་ཐོག་ཐོག་མ་དེ་ཆགས་ཡོད། ད་ཐེངས་ཐའེ་ཝན་གྱི་རྩེད་འགྲན་པ་དེ་གཉིས་ལ་རྒྱལ་ཁ་ཆེན་པོ་ཐོབ་པར་སྤྱི་ཚོགས་དྲ་ལམ་ཁག་གི་ནང་གླེང་སློང་དང་རྒྱབ་སྐྱོར་ཤུགས་ཆེན་བྱེད་ཀྱི་ཡོད།